མཐོ་སློབ་ཆེན་མོ་འདི་ཉིད་ཀྱི་ལོ་རེའི་འཛིན་གྲྭ་འཚོགས་པའི་དུས་ཚོད་བོད་ཟླ་ ༢ ཚེས་ ༣ ནས་ཟླ་དགུ་ལྷག་གི་རིང་། གཙོ་བོ་མདོ་སྔགས་རིག་གཞུང་ལ་འཆད་རྩོད་རྩོམ་གསུམ་གྱི་སྐབས་འདུལ་བ་གཞི་གསུམ་གྱི་རིམ་པ་ཙམ་ལས། སྒྲུབ་འཕྲིན་གྱི་རིམ་པ་རྣམས་ནི་གྲྭ་ཚང་འདུས་མང་ནས་ལས་འགན་གཙོ་བོ་བཞེས་བཞིན་ཡོད། སྤྱིར་སྔ་འགྱུར་བའི་ཆོས་གྲྭ་ཆེན་པོ་གང་ཡིན་ཀྱང་ཐོས་པ་ཁོ་ན་ཙམ་ལ་བརྩོན་པ་མིན་པར་བཤད་སྒྲུབ་ཟུང་དུ་འཇུག་དགོས་སྟབས། འདི་གའི་དགེ་སློབ་རྣམས་ནས་ཀྱང་སྒྲུབ་ཕྲིན་གྱི་རིམ་པ་རྒྱལ་བ་གོང་མའི་ཕྱག་བཞེས་བཞིན་མཉམ་འཚོགས་གནང་བཞིན་པ་ཡིན།